[A:༥༩༠ན]འཆང་བྱམས་པ་འཇམ་དཔལ་བཟང་པོ། དེས་བདག་ལའོ། །
ཡང་ན། འདྲེན་མཆོག་རཏྣ་ཝརྡྷ་ནས། ལྷ་མཆོག་སེང་གེ། སངས་རྒྱས་སེང་གེ། ནམ་མཁའ་དཔལ་བཟང། དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། གྲུབ་དབང་ཀུན་དགའ་ལེགས་པ། སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན། ཐར་རྩེ་ནམ་མཁའ་བསམ་གྲུབ། ཀུན་བློ་མན་འདྲ། མཐའ་རྟེན་དུ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་ཡིག་སྟེང་ནས་དཔལ་འཁོར་ལོ་སྡོམ་པའི་རྒྱུད་མངོན་བརྗོད་འབུམ་པ་ལས་གསུངས་པའི་མགོན་པོ་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་ཚེ་ཟན་ལ་བརྟེན་པའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་མ་གཅིག་གྲུབ་པའི་རྒྱལ་མོའི་ལུགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་པུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། མི་ལ་བཞད་པའི་རྡོ་རྗེ། དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། བདེ་གཤེགས་ཕག་མོ་གྲུ་པ། འབྲི་གུང་པ་འཇིག་རྟེན་མགོན་པོ། སྤྱན་སྔ་གྲགས་པ་འབྱུང་གནས། ཡང་དགོན་པ་