R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༩ན
[A:༥༩ན]ཆེན་ནམ་མཁའ་དཔལ་བཟང་། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཨ་མེས་ཞབས་ཀུན་དགའ་བསོད་ནམས། མུས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། མཁས་གྲུབ་སངས་རྒྱས་རྒྱ་མཚོ། ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། རི་ཁུད་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། འདི་ནས་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་མན་འདྲའམ་སྙམ།
གོང་འོག་གི་སྙམ་སྒྲ་ཅན་འདི་རིགས་རྡོ་རྗེ་འཆང་གཞན་ཕན་སྙིང་པོའི་གསན་ཡིག་ལ་བརྟགས་ནས་ཡིད་ཆེས་དགོས།
༈ ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོས་མཛད་པའི་དཔལ་ཀྱེ་རྡོ་རྗེ་འི་ཕྱི་བསྐྱེད་རིམ་གྱི་རྣམ་པར་བཤད་པ་ལེགས་བཤད་ཉི་མའི་འོད་ཟེར། ནང་ཟབ་མོ་ལུས་ཀྱི་རྣམ་པར་བཤད་པ་སྐལ་བཟང་སྙིང་གི་པདྨོ་བཞད་པ་བཅས་ཀྱི་བརྒྱུད་པ་ནི། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། ཁྱབ་བདག་དབང་ཕྱུག་རབ་བརྟན།