R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥བ
[A:༥བ]ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་ལ་བརྩེ་བ་ཆེན་པོས་བསྩལ་ཏོ། ། ཡང་ན། འདྲེན་མཆོག་དཀོན་མཆོག་འཕེལ་བ་ཡན་འདྲ་བ་ལ། དེ་རྗེས་ལྷ་མཆོག་སེངྒེ། སངས་རྒྱས་སེངྒེ། བྲང་ཏི་ནམ་མཁའ་དཔལ་བཟང་། བྲང་ཏི་ནམ་མཁའ་སངས་རྒྱས། བྲང་ཏི་ནམ་མཁའ་རིན་ཆེན། སེ་ཆེན་ནམ་མཁའ་དཔལ་བཟང་། དེ་གཉིས་ཀ་ལས་འདྲེན་མཆོག་ཤེས་རབ་རྒྱ་མཚོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྗེ་ཚུལ་ཁྲིམས་ལྷུན་གྲུབ། དེ་དང་བསོད་ནམས་དཔལ་ལྡན་གཉིས་ཆར་ལས་བྲང་ཏི་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་བློ་མན་འདྲ། ཡང་ན། སྔགས་འཆང་ཀུན་བཀྲས་ནས། རྗེ་བཙུན་ཀུན་དགའ་བསྟན་པའི་ཉི་མ། ས་ཆེན་ཀུན་བློ་མན་འདྲ། ཡང་ན། བ་རི་ལོ་ཙཱ་བ། མཆིམས་བརྩོན་འགྲུས་སེང་གེ །རྒྱ་ཞང་ཕུག་པ། དབུས་པ་སངས་རྒྱས་འབུམ། གཞོན་ནུ་འབུམ། བླ་མ་ཆ་གན་པ། གྲགས་པ་དཔལ་མན་འདྲ། ཡང་ན། རྒྱ་ཞང་ཕུག་པ། བཞད་པ་རིན་ཆེན་ཡེ་ཤེས། ཨེ་པ་འཁོན་སྟོན་མན་འདྲ།