[A:༦༠ན]པོས་མཛད་པའི་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པའི་གསོལ་འདེབས་རྣམ་དག་མའི་བརྒྱུད་པ་ནི། མཛད་པ་པོ་ནས་རིམ་པར་བརྒྱུད་དེ། ཡབ་རྗེ་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་མན་གོང་བཞིན་ནོ།། །། ཡང་ན། ཀུན་བློ་མན་གོང་བྲག་ཕུག་པའི་གནས་སྦྱར་མ་ཇི་ལྟ་བ་བཞིན་ནོ། །
དེའི་ཞལ་སྐོང་མཁྱེན་བརྩེའི་དབང་པོས་མཛད་པ་ནི། རྗེ་ཉིད་ཀྱི་ཞལ་ལས་བློ་གཏེར་ཞབས་ཀྱི་གསན། དེ་ལས་རྡོ་རྗེ་འཆང་གཞན་ཕན་སྙིང་པོ་འདྲ་སྙམ།
ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་དཔལ་ས་སྐྱ་པའི་ཡབ་ཆོས་རྒྱུད་གསུམ་མན་ངག་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་དུ་འཇུག་པའི་ཕོ་ཉ་ཞེས་བྱ་བ་ཀུན་ཁྱབ་མ་དང་། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་གསང་བའི་ཉེ་ལམ། དེའི་བརྒྱུད་འདེབས་ཁ་སྐོང་བཅས་ཀྱི་བརྒྱུད་པ་ནི། མཛད་པ་པོ་ནས་བཟུང་འོག་ནས་འབྱུང་བའི་རྗེ་དེ་ཉིད་ཀྱི་གསུང་ཀྱེ་རྡོར་སྐོར་རྣམས་དང་འདྲའོ། །
ཚར་ཆེན་རིན་པོ་ཆེས་མཛད་པའི་གསུང་ངག་བརྒྱུད་