R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༠༧ན
[A:༦༠༧ན]ཀོང་སྟོན་དབང་ཕྱུག་གྲུབ་པས་མཛད་པར་གྲགས་པའི་རང་བདེ་མ་དང་། དེའི་མུ་ལ་ཡོད་པའི་སྐྱེ་བ་ཀུན་ཏུ་སོགས་ཤོ་ལོ་ཀ་རྣམས་ལ་ལུང་བརྒྱུད་ཡོད་མེད་སྣ་ཚོགས། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་རྣམ་རྒྱལ་ལྷ་དགུའི་བསྟོད་པ། འཆི་མེད་དཔལ་སྦྱིན་མའི་ལུང་བརྒྱུད་ནི། མཛད་པ་པོ་ནས། མུས་ཆེན་དཀོན་མཆོག་རྒྱལ་མཚན། གླང་ཐང་པ་སྤྱན་སྔ་བློ་གྲོས་རྒྱལ་མཚན། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ས་སྐྱ་པ་ངག་དབང་ཀུན་དགའ་བཀྲ་ཤིས་མན་གོང་ལྟར་རོ། ། རྣམ་རྒྱལ་མའི་གཟུངས་ཀྱི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ། རྗེ་བཙུན་གོང་མ་རྣམ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་བརྟན་པ། བྲག་ཕུག་པ་དཀོན་རྒྱལ། བླ་མ་དཔལ་ལྡན་པ། ཤར་ཆེན་པ། ངོར་ཆེན་མན་གོང་བཞིན། པོ་ཏ་ལ་ཡི་སོགས་སྤྱན་འདྲེན། ཕྱག་འཚལ།