R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༡༤བ
[A:༦༡༤བ]མེ་འབར་གླེགས་བམ་ཐར་རྩེ་རྡོ་རྗེ་འཆང་ལས་ཀྱང་གསན་པས་བརྒྱུད་པའི་རྣམ་གྲངས་དེར་གསལ་ལོ། །ཡང་ན། ནག་པོ་མཆོད་རྟེན། ཆོས་ཉིད་མ། དེ་ཝཱི་ཀོ་ཊ། རྡོ་རྗེ་འཆང་དབང། རྒྱུད་ཚིག་འདས་དང་མ། བྲམ་ཟེ་མཆོག་སྲེད་ཀྱི་མ་སྐྱེས་མཁའ་ཀློང་མ། དྲག་བསྐུལ་དུས་གསུམ་རྒྱལ་བ་མ། རྒྱུད་ནས་བྱུང་བའི་དཔལ་ལྡན་མགོན་པོ་ནས། དམ་ཚིག་ཅན་གྱི་དགྲ་ལྷ་ནག་པོ་ཆེའི་བར། ནག་རྔམས་མ། ཞལ་གྱི་ལྷ་མཆོག་མ་རྣམས་ཁ་སྐོང་གླེགས་བམ་ན་བཞུགས་པའི་བརྒྱུད་རིམ་ལྟར་ལས། ནག་པོ་མཆོད་རྟེན་དང་། ཆོས་ཉིད་མ། ལྷ་མཆོག་མ། རྡོ་རྗེ་འཆང་དབང་མ་རྣམས་བཤད་ཟིན་ཅིང། དེར་མ་འཐུས་པའི་བརྒྱུད་ཁུངས་རྒྱུད་ལུང་རྣམས་ནི། རྡོ་རྗེ་འཆང། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། ཤྲ་དྷ། ལོ་ཆེན། བྲག་སྟེང་པ། མལ་ལོ་མན་འོག་ནས་འབྱུང་བ་ལྟར་དང་། རྒྱ་གཞུང་རྣམས། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། ཤྲ་དྷ། ལོ་ཆེན། བྲག་སྟེང་པ། མལ་ལོ། གོང་མ་ལྔ། བཀྲས་ལུང་པ། དགེ་སྡིངས་པ་སངས་རྒྱས་དཔལ། རིན་ཆེན་གླིང་པ། རིན་ཆེན་རྡོ་རྗེ། རྫོང་པ་ཀུན་དགའ་རྒྱལ་མཚན། ནམ་མཁའ་ལྷུན་བཟང།