[A:༦༡༦ན]ཡང་ན། ཀུན་བློའི་གསན་ཡིག་ལྟར་རོ། །
ཡང་མེ་འབར་མའི་སྲིན་གཟུགས། ཟོར་ལམ་དབྱེ་བ། བདུད་རྩི་ལྔ་མཆོད། བཤགས་པ་ཚིགས་ལྷུག། གང་ཐུགས་མ་རྣམས་མུ་རྟགས་ཡོད་པ་ལྟར་ན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས། སྔགས་འཆང་གཟུངས་དཔལ་སོགས་ནས་བརྒྱུད་ཚུལ་དང་། ཡང་ཟོར་ལམ་དབྱེ་བ་རྡོ་རྗེའི་རྟགས་ཡོད་པ་ལྟར་ན་རྗེ་བཙུན་གྲགས་རྒྱན་ཡན་གོང་ལྟར་ལ། དེ་ནས་དོ་པ་སྟོན་ཚུལ་སོགས་ནས་བརྒྱུད་ཚུལ་མགོན་པོད་ཁ་སྐོང་གླེགས་བམ་གྱི་སྐོང་བ་ཆོས་ཉིད་མ་མཆོད་རྟགས་ཀྱི་བརྒྱུད་པའང་གང་སྔོན་སྲིད་འདས་མ་དང་གཅིག་གོ །བསྐང་གསོ་བསྟོད་བསྐུལ་གསར་རྙིང་རྣམས་ཀྱི་ལུང་བརྒྱུད་ཞིབ་པ་རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན་གྱི་གསན་ཡིག་ལས་རྟོགས་དགོས་སོ། །གཏོར་མ་བརྒྱ་རྩའི་ལུང་བརྒྱུད་གོང་གཏོར་བསྔོ་ཆེན་མོའི་ལུང་བརྒྱུད་བཞིན་ནོ། །
འཇམ་མགོན་ཨ་མེས་ཞབས་ཀྱི་ཆབ་ཀླུའི་གཏོར་མའི་ལུང་བརྒྱུད་ནི། མཛད་པ་པོ་ནས། དེ་སྲས་བསོད་ནམས་དབང་ཕྱུག །ཀུན་བཀྲས། བསོད་ནམས་རིན་ཆེན། ས་ཆེན་ཀུན་བློ། འཆི་མེད་བསྟན་ཉི། རྡོ་རྗེ་རིན་ཆེན། རྗེ་བཙུན་