R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༡བ
[A:༦༡བ]པའི་ཉིན་བྱེད། ཕྱི་བསྐྱེད་རིམ་གྱི་ཟིན་བྲིས། ནང་བསྐྱེད་རིམ་གྱི་ཟིན་བྲིས། བུམ་དབང་རྨི་ལམ་མན་གྱི་ཁྲིད་འཕྲོ་རྒྱལ་དབང་ལྔ་པ་ཆེན་པོས་བསྐྱངས་པ་བཅས་ཀྱི་བརྒྱུད་པ་ནི། ཀུན་བློ་ཡན་སྔ་མ་ལྟར་ལ། དེ་ནས་ནམ་མཁའ་འཆི་མེད། ཞུ་སློབ་ཀུན་དགའ་དོན་གྲུབ། ངག་དབང་བཟང་པོ་མན་གོང་དུ་སོང་མ་ཐག་ལྟར་རོ། ། ༈ ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་ཁྲིད་ཀྱི་སྐོར་ལ། སློབ་བཤད་བརྒྱུད་འདེབས་ལམ་རིམ་སྨོན་ལམ་དང་བཅས་པ་བྱིན་རླབས་ཕོ་ཉ། དགེས་མཛད་རྒྱུད་གསུམ་གྱི་བརྒྱུད་འདེབས་འཆད་ཐབས་ལམ་རིམ་དང་བཅས་པ་སེམས་ཀྱི་ངལ་བསོ། སྣང་གསུམ་ཟླ་བ་བདུད་རྩིའི་ཐིག་ཕྲེང། སྔགས་ལམ་ཉི་གཞོན་གསར་པའི་ཐིག་ཕྲེང་ལས་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་སྐབས། ཕྱི་བསྐྱེད་རིམ། ནང་བསྐྱེད་རིམ་ཉམས་མྱོང་ལྟ་བ་ཕྱག་ཆེན་ངོ་སྤྲོད་བོགས་འབྱིན་སྤྱོད་པ་དང་བཅས་པ། བུམ་དབང་གི་འདའ་ཀ་མ་བར་དོ་རྨི་ལམ་སྒྱུ་ལུས་དང་བཅས་པ། ལམ་གཏུམ་མོ་ཙཎྜ་ལཱི་ཁམས་འདུས་པ་དང་པོ། བར་པ། ཐ་མ་བཅས་པའི་ཁྲིད་ཡིག་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། པཎ་