R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༢༧བ
[A:༦༢༧བ]དོན་བདུད་བཞིའི་ངོས་འཛིན། བདུད་ཀྱི་ལས་དག་འཇོམས་ཤིང་སྲབ་མོར་བྱེད་དོ་ཞེས་གསུངས་པའི་མཐའ་ཅན།
(ཤ)
པ་ལ་ཁྲིད་ཡིག་ཆེན་མོའི་གཞུང་དོན་ཕྱིན་དྲུག་གི་ཉམས་ལེན་རྒྱས་བཤད། བྱིངས་རྒོད་ཞི་གནས་དེའི་ངང་དུ་མི་འཇོག་པར་རྩོལ་བར་བྱེད་པ་གཡེང་བ་ཡིན་པས་ངང་ལ་འཇོག་པ་ག་ལ་ཆེའོ་ཞེས་པའི་མཐའ་ཅན།
(ས)
པ་ལ་ཁྲིད་ཡིག་ཆེན་མོའི་བཤད་འགྲེལ་སྣ་ཚོགས་དམིགས་པའི་མདེའུ་ཁ་བསྒྱུར་བ་གཅོད་སྤྱི་དམིགས་པ་ལས་དེ་ཆོད་པར་ཐེ་ཚོམ་མེད། ཟབ་ཅེས་པའི་མཐའ་ཅན།
(ཧ)
པ་ལ་སྟོང་ཉིད་བཟློག་སྒོམ་གྱི་རིམ་པ་དམིགས་རྫོགས་ཆེན་མོ་ཟ་འདྲེ་སོགས་གོད་ཁ་རྒྱུན་གཅོད་པ་ལ་མཆོག་ཏུ་ཟབ་ཅེས་པའི་མཐའ་ཅན།
(ཨ)
པ་ལ་སློང་ཚར་ཆོད་གསུམ་ངོས་འཛིན་རིག་པ་མདུང་སློང་གཤོངས་ཆེན་རི་ཁྲོད་པའི་སྦྱིན་པར་བཏང་ཞེས་པའི་མཐའ་ཅན།
(ཀི)
པ་ལ་བུམ་དབང་གི་ལམ་དང་འབྲེལ་བར་སྐུ་རྡོ་རྗེ་སྤྲུལ་སྐུའི་ཁྲིད་ཀྱི་དོན་འདུས་པ་དབང་བསྐུར་བཞེངས་བ་ཡིན་ནོའི་མཐའ་ཅན།
(ཁི)
པ་ལ་འཁོར་འདས་བསྲེ་བའི་ཉམས་ལེན་པདྨའི་འདབ་མ་ལྟར་མཉེན་པའོ་ཞེས་པའི་མཐའ་ཅན།
(གི)
པ་ལ་གསང་དབང་དང་འབྲེལ་བར་གསུང་རྡོ་རྗེ་ལོངས་སྐུའི་ཁྲིད་ཡིག་