[A:༦༧ན]
བརྡ་ཆིག་བརྒྱུད་ཀྱི་བྱིན་རླབས་གོ་བདེ་བཀླག་ཆོག །རྣམ་འཇོམས་བིར་ལུགས་ལྷ་བདུན་ཅུ་དོན་ལྔའི་སྒྲུབ་ཐབས་ནུབ་པ་རིག་འཛིན་གྲགས་ཀྱི་གསུང་ལ་ཟུར་འདེབས་ཀྱིས་བརྒྱན་པ། སྒྲུབ་པ་ལུང་སྦྱིན་དང་གསང་བཅུའི་རྒྱས་གདབ་བཀླག་ཆོག་མཐའ་དཔྱོད་དང་བཅས་པ་ལེའུ་ཚན་བཅུ་དྲུག་གི་བརྒྱུད་པ་ནི། མཛད་པ་པོ་ནས། བྱམས་པ་ངག་དབང་རྣམ་རྒྱལ། བྱམས་པ་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། ས་སྐྱ་པ་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས། གྲུབ་དབང་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། ཡོངས་འཛིན་བློ་གྲོས་རྒྱལ་མཚན། རྗེ་ངག་དབང་ལེགས་གྲུབ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན་མན་རྩ་བའི་བརྒྱུད་པ་དང་འདྲའམ་སྙམ།
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་ལམ་དུས་ཀྱི་དབང་བསྐུར་བ་དང་གསོ་བ། བིར་སྲུང་ཐུན་མོང་མ་