R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༧༢བ
[A:༧༢བ]རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཉེ་བརྒྱུད་ལྟར་ན། བླ་མ་ས་ཆེན་དང་། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ་གཉིས་ལས་རྗེ་ཉིད་ཀྱིས་གསན། དེས་རྒྱལ་སྲས་བློ་གྲོས་མཐའ་ཡས་པའི་སྡེ། དེས་འཇམ་དབྱངས་བློ་གཏེར་དབང་པོ། བཀའ་དྲིན་མཚུངས་མེད་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། དེས་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་སྙིང་པོ། དེ་ལས་བདག་གིས་སོ། ། ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། རབ་འབྱམས་པ་ཀུན་དགའ་མཆོག་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས།
འདི་ཡན་བཤད་པ་རྒྱ་ཆེ་བ་གནང་བའི་རྒྱུན།
བྱམས་པ་ངག་དབང་རྣམ་རྒྱལ། བྱམས་པ་བཀྲ་ཤིས་ལྷུན་གྲུབ། འཕགས་ཆེན་ཆོས་ཀྱི་རྒྱལ་མཚན། མང་ཐོས་བསོད་ནམས་དབང་ཕྱུག །རྗེ་ཆོས་ཀྱི་ཉི་མ། བླ་མ་བཀྲ་ཤིས་ཆོས་བཟང་། སྤྲུལ་སྐུ་ངག་དབང་བསོད་ནམས། རྡོ་རྗེ་འཛིན་པ་དགེ་འདུན་རྒྱ་མཚོ། བླ་མ་ངག་དབང་བཟང་པོ། འཇམ་མགོན་ངག་དབང་ལེགས་གྲུབ་མན་འདྲ། ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། དེའི་དབོན་སངས་རྒྱས་སེངྒེ།