R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༨༣ན
[A:༨༣ན]ནམ་མཁའ་དཔལ་བཟང་། རྗེ་དམ་ཆོས་བསམ་གྲུབ། དེ་གཉིས་ཀས་མཁས་གྲུབ་སངས་རྒྱས་ཕུན་ཚོགས། དེ་ནས་བྱམས་པ་ཚུལ་ཁྲིམས་དཔལ་བཟང་། བྱམས་པ་བསོད་ནམས་བཟང་པོ། མཁན་ཆེན་ནམ་མཁའ་བསམ་གྲུབ། ས་ཆེན་ཀུན་དགའ་བློ་གྲོས། ཐར་རྩེ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། བྲག་རི་ཞབས་དྲུང་འཇམ་དབྱངས་ཆོས་ཀྱི་ཉི་མ། དྲིན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། དེས་བདག་འཁོན་གདུང་ཨཱ་ཡུ་བཛྲ་ལ་གནང་བའོ། ། ཡང་ན། སངས་རྒྱས་རིན་ཆེན་ནས། སངས་རྒྱས་སེངྒེ་། ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན། ནམ་མཁའ་དཔལ་བཟང་ནས། ངག་དབང་ཀུན་དགའ་བསོད་ནམས། ངག་དབང་བསོད་ནམས་དབང་ཕྱུག །ངག་དབང་ཀུན་དགའ་བཀྲ་ཤིས། ངག་དབང་བསོད་ནམས་རིན་ཆེན། ངག་དབང་ཀུན་དགའ་བློ་གྲོས་མན་འདྲ། ཡང་ན། ས་པཎ་ནས། ཀུན་དགའ་དཔལ་བ། བསོད་ནམས་བརྟན་པ། ཏི་ཤྲཱི་ཀུན་དགའ་