R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༨ན
[A:༨ན]པའི་ཉི་མ། ས་ཆེན་ཀུན་བློ་མན་འདྲའོ། ། ༈ ཡང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་ནས། འཁོན་ཀླུ་དབང་སྲུང་བ་ལ་བཀའ་བབས་པའི་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་གསང་ཆེན་རྙིང་མའི་རིང་ལུགས་ལས་བྱུང་བ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། ཆོས་རྗེ་བླ་མ་དམ་པའི་མངོན་རྟོགས་རྒྱས་པ་བཀླགས་པས་དོན་གྲུབ་དང་། འབྲིང་པོ་དོན་གྲུབ་སྙིང་པོ། བསྡུས་པས་ཡང་སྙིང་ལྷན་རྒྱས་གསལ་བ་གསུམ་དང་། དཀྱིལ་ཆོག་རྟོགས་པར་སླ་བའི་དགོངས་དོན་བཞིན། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་དཀྱིལ་ཆོག་ཡིད་འོང་བློ་གྲོས་ཁ་འབྱེད་བཞིན་ལ་རིན་ཆེན་དོ་ཤལ་དུ་ཞལ་འཕངས་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བློ་གསལ་རྣམས་ཀྱིས་རྟོགས་པར་སླ་བ་ཡིད་ཀྱི་མུན་སེལ་དང་། སྔགས་འཆང་ཆེན་པོའི་དབང་གི་མཚམས་སྦྱོར་བློ་གསལ་དགའ་བ་སྐྱེད་བྱེད་གཉིས་ཀྱི་སྟེང་ནས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི་ཡོངས་སུ་རྫོགས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས།