R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༨༦ན
[A:༨༦ན]གོང་གསལ་གསེར་ཆོས་ནཱ་རོ་མཁའ་སྤྱོད་མའི་སྦྱིན་རླབས་ཚར་ཆེན་གྱི་སྒྲུབ་དཀྱིལ་དང་། བློ་གསལ་ཞབས་ཀྱི་དབང་ཆོག་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། དཔལ་མཆོག་རྡོ་རྗེ་ཆོས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ། ཌེཾ་གི་པ། ཨིནྟ་ར་པ། ཏཻ་ལོ་པ། པཎ་གྲུབ་ནཱ་རོ་ཏ་པའམ། ཉེ་བརྒྱུད་ལྟར་ན། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ནཱ་རོ་ཏ་པ། ཞེས་འབྱུང་། གང་ལྟར་ཡང་། དེ་ནས་ཕམ་མཐིང་པ། གཅེན་འཇིགས་མེད་གྲགས་པ། གཅུང་ངག་གི་དབང་ཕྱུག །ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ་བློ་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་བསོད་ནམས་རྒྱལ་བ་མཆོག་དབྱངས།
(མཁན་ཆེན་བསོད་ནམས་རྒྱལ་མཆོག)