R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): [-]
[Volume I]
[B:xiii] དཔེ་སྐྲུན་གསལ་བཤད།
དཔལ་ས་སྐྱ་པ་༧སྐྱབས་མགོན་༧གོང་མ་རྡོ་རྗེ་འཆང་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་གི་གསན་ཡིག་རིན་ཆེན་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ཉིད་ཐོག་མར་མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་ (1933-2015) གྱིས་གང་གི་གསན་ཡིག་བྲིས་མ་གཞིར་བཟུང་ཕྱི་ལོ་ ༡༩༧༧ ལོར་རྒྱ་གར་ལྡི་ལིར་པར་སྐྲུན་གནང་བ་དང་། དེ་རྗེས་བོད་དུ་སྡེ་དགེ་པར་ཁང་གིས་ལྡི་ལི་པར་མ་གཞི་བཟུང་སྟེ། ཕྱི་ལོ་ ༢༠༠༥ ཙམ་ལ་ཤིང་པར་དུ་བརྐོས་ནས་པར་སྐྲུན་གནང་ཡོད། གསན་ཡིག་པར་གསར་པ་འདི་ཉིད་ནི་ལྡི་ལི་པར་མ་མ་ཕྱིར་བཟུང་བ་དང་། འདིའི་ནང་དབུའི་མཆོད་བརྗོད་ལེགས་སྦྱར་སུམ་ཕྲེང་དུ་བསྒྲིགས་པ་བྲི་མ་ཤེས་པ་ཕུད། དེ་བྱིངས་མ་དཔེ་ཇི་ལྟ་བ་བཞིན་ཞུ་སྒྲིག་གིས་རང་བཟོའི་བཅོས་ཐལ་མ་ཤོར་བ་བྱས་ཡོད། དེ་ཡང་ཕྱིས་ཞིབ་མོར་འཇུག་པ་རྣམས་ལ་ཕན་པར་བསམ་ནས་གསན་ཡིག་འདིའི་མ་དཔེའི་ཤོག་གྲངས་རྣམས་
༢བ
ལྟ་བུ་གུག་རྟགས་འདིའི་ནང་ཡིག་ཆུང་དུ་བྲིས་པ་དང་། དེ་བཞིན་གསན་ཡིག་གི་མཆན་བུ་རྣམས་ཀྱང་
གྱི་ལྗང་ན་ཡང་ཡོད།
ལྟ་བུ་ཡིག་ཆུང་དུ་བྲིས་ཡོད། གཞན་ཞུ་སྒྲིག་པའི་མཆན་བུ་གསར་དུ་བཏགས་པ་ཉུང་ཤས་
(གུང་རུའི་)
ལྟ་བུ་དང་། ཐེ་ཚོམ་གྱི་གནས་སུ་ལུས་པ་
(?)
ལྟ་བུར་དྲི་རྟགས་བཅས་གུག་རྟགས་སོ་སོའི་ནང་བཀོད་ཡོད།
དེ་བཞིན་བརྒྱུད་པའི་རྒྱའམ་རྟགས་ནི། གསན་ཡིག་ལས། དེ་དག་ལས་འོངས་སོ་སོའི་ངོས་འཛིན་ནི། །ངོར་ལུགས་ཡི་གེ་ཨེ་ཡི་རྟགས་ཀྱིས་མཚན། །རྡོ་རྗེ་གདན་པ་ལས་བྱུང་རྡོ་རྗེའི་རྒྱ། །མུས་སྲད་པ་ནི་ཡི་གེ་མུ་ཡིས་རྒྱ། །བདག་ཆེན་རྡོ་རྗེ་འཆང་དབང་ལས་བརྒྱུད་པའི། །རྩ་བའི་ཡི་གེ་མཆོད་རྟེན་རྒྱ་ཡིས་མཛེས། །ཐོར་བུ་གཞན་དག་མཆན་བུ་བཏབ་པས་ཤེས། །ཞེས་གསུངས་པ་བཞིན། ངོར་ལུགས་སམ་ངོར་ཆེན་རྡོ་རྗེ་འཆང་ (1382-1456) ནས་བརྒྱུད་པར་
(ཨེ)
ཡི་གེ་[B:xiv]ཨེ་དང་། གོང་དཀར་ལུགས་སམ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་ (1432-1496) ནས་བརྒྱུད་པར་
(࿅)
རྡོ་རྗེའི་རྟགས། རྫོང་པ་སྔ་རབས་པ་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་ (1424-1498) ནམ། མུས་སྲད་པ་ལས་བརྒྱུད་པར་
(མུ)
ཡིག་གེ་མུ། བདག་ཆེན་རྡོ་རྗེ་འཆང་ནས་བརྒྱུད་པར་
(࿄)
མཆོད་རྟེན་གྱིས་རྟགས་དང་། དེ་བཞིན་བརྒྱུད་པའི་རྟགས་གཞན་སོ་སོ་དབུ་མེད་དུ་བྲིས་ཏེ།
(དྷི)
འདི་ལྟར་གུག་རྟགས་ནང་བཞག་ཡོད།
མ་དཔེར་བླ་མ་གང་ནས་གསན་པ་སོ་སོར་ཕྱེ་སྟེ། རིམ་པར་ཕྱེ་བ་བཅུ་རུ་མཛད་པ་དེ་ཉིད་ལེགས་ཚོགས་ཆེ་བས་སླར་ཆོས་ཚན་སོ་སོར་དབྱེ་བའི་ངལ་བ་མ་བྱས་ཤིང་། འཕགས་ཡུལ་དུ་བྱོན་ནས་ཕྱིས་བླ་མ་གཞན་ལས་གསན་པ་ཇི་སྙེད་ཅིག་ཡོད་པ་རྣམས་ངེས་པར་ཁ་སྐོང་བྱེད་དགོས་པ་ཡིན་མོད། དུས་ཐུང་བྲེལ་ཚུབ་ནང་གསན་ཡིག་ཇི་བཞིན་དཀའ་བས་སླད་བྲི་བའི་གནས་སུ་བཞག་སྟེ། མ་དཔེ་ཇི་བཞིན་བསྣོན་འཕྲི་ཁ་སྐོང་སོགས་མེད་པར་པར་བཏབ་པ་ལགས་སོ། །