R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༠༡བ
[A:༡༠༡བ]སྙིང་པོ། དེས་ཁོ་བོ་འཁོན་རིགས་པ་ལའོ། ། ཡང་ན། ནམ་མཁའ་དཔལ་བཟང་ཡན་གོང་ལྟར་ལ། དེ་ནས་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། དབོན་མཁྱེན་བརྩེ་རབ་བརྟན། ཀུན་མཁྱེན་ཆོས་ཀྱི་ཉི་མ། དྲུང་གནས་སྦྱིན་པ་བསྟན་འཛིན། གླིང་སྨད་སློབ་དཔོན་བདེ་བ་རབ་བཟང་། རྗེ་ཀུན་དགའ་ཆོས་སྐྱོང་། སྐྱོ་མདའ་ཀུན་དགའ་བསོད་ནམས། ནམ་མཁའ་འཆི་མེད་མན་འདྲ། འཆི་བདག་འཇོམས་པ་སྦྱོང་དཀྱིལ་གྱི་ནང་ནས་ཟུར་དུ་ཕྱུང་བས་སྦྱོང་རྒྱུད་ཐུགས་དཀྱིལ་དང་ལྷ་སྔགས་གཅིག་པས་དབང་ཟུར་དུ་མི་དགོས་ཤིང་། བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་དགའ་སྙིང་པོ། པྲཛྙཱ་པ་ལི་ཏ། པྲཛྙཱ་བོ་ངྷི། མུ་ཀྟི་ཀོ་ཥ། དྷརྨ་ཕཱ་ལ། ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། གོ་མི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། སྲས་པྲཛྙཱ་སིངྷི། སྣུར་བྱང་ཆུབ་འོད། སྣུར་ཉི་མ་རྒྱལ་མཚན། སྣུར་ཡེ་རྒྱལ།