[A:༡༠༧བ]གྲགས། དེ་ལས་རྗེ་མཁྱེན་བརྩེ་སོགས་གོང་བཞིན་ནོ། །
ཡང་ན། ཀུན་བློ་ནས། ཆོས་ཉིད་ཡེ་ཤེས་སོགས་ཁྲིད་ཀྱི་བརྒྱུད་པ་དང་འདྲ། རྡོ་རྗེའི་སློབ་དཔོན་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་ཟབ་ཁྲིད་ཐུན་མོང་མ་ཡིན་པའི་ཡི་གེ་བདེ་ལྡན་མགོན་པོའི་ཞལ་ལུང་། དེའི་འཆད་ཐབས་སྐལ་བཟང་རྣ་བའི་དགའ་སྟོན། བསྙེན་ཐབས་སྦྱིན་སྲེག་དང་བཅས་པའི་གསལ་བྱེད་ཉེར་མཁོའི་ཡི་གེ་སྲིད་ཞིའི་དགེ་ལེགས་ནམ་མཁའ་མཛོད་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་རྣམས་མཛད་པ་པོ་ལས། མཁྱེན་བརྩེའི་དབང་པོས་གསན་པ་མན་འདྲའོ། །
༈ དབྱངས་ཅན་དཀར་མོ་ཉེ་བརྒྱུད་ཐུན་མོང་མ་ཡིན་པ་པཎྜི་ཏ་ས་མནྟ་ཤྲཱིའི་ལུགས་ཀྱི་རྗེས་གནང་ཐུགས་སྲས་ལོ་ཙཱ་བ། པཎ་ཆེན་ནམ་མཁའ་དཔལ་བཟང་། འཇམ་མགོན་ཀུན་བློ། མཁྱེན་བརྩེའི་དབང་པོ་རྣམས་ཀྱི་ཡིག་ཆའི་སྟེང་ནས་ནོས་པའི་བརྒྱུད་པ་ནི། དེ་ཝཱི་སྭ་ར་སྭསྟི། པཎྜི་ཏ་ས་མནྟ་ཤྲཱི། པཎྜི་ཏ་ཤྲཱི་ཛྙཱ་ན་བྷ་དྲ་མུ་ནཱིནྡྲ། ལོ་ཆེན་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་ཆོས་རྒྱལ། མཁས་པ་ཙནྡྲ་ཤྲཱི། མཁྱེན་