R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༠༩ན
[A:༡༠༩ན]དབང་ལྔ་པ། གོང་དཀར་བ་མང་ཐོས་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ། མཁན་ཆེན་དགེ་འདུན་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ། དཔལ་མང་མཁན་ཆེན་དཀོན་མཆོག་རྒྱལ་མཚན། དེ་ལས་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དང་། ལྷ་བཙུན་འཇམ་པའི་དབྱངས་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གཉིས། གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་འོག་མ་ཐམས་ཅད་ལ་འདྲའོ། ། པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་སྒྲུབ་ཐབས་རྗེས་གནང་དང་། རྗེས་གནང་གི་ཁ་སྐོང་དང་བཅས་པའི་ལུང་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་བརྒྱུད་པའང་རྗེས་གནང་དང་འདྲའམ་སྙམ། ལྷ་མོ་དབྱངས་ཅན་མའི་བསྙེན་ཐབས་དང་། ཉམས་ལེན་གྱི་ཡན་ལག་མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་མཛད་པ་ནི། སངས་རྒྱས་ཕུན་ཚོགས་ནས་ཞུ་ཆེན་པ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་བར་དེའི་གསན་ཡིག་ལྟར་ལ། དེ་དབོན་ངག་དབང་དགེ་ལེགས་