R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༡༢བ
[A:༡༡༢བ]རབ་བརྟན། བསོད་ནམས་མཆོག་ལྡན། རྗེ་བཙུན་རིན་ཆེན་རྒྱ་མཚོ། དོལ་པཎ་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས་ནས། ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་འཇམ་དབྱངས་མཁྱེན་བརྩེས་གསན་ནམ་སྙམ། ལུང་ལ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་རྗེས་གནང་གི་ཡི་གེ། ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱི་སྒྲུབ་ཐབས་བརྒྱུད་ཡིག་བཅས། འཕགས་པ་རིན་པོ་ཆེའི་སྒྲུབ་ཐབས། བསྟོད་པ་པདྨོའི་ཕྲེང་བ། རྨོར་ཆེན་གྱིས་མཛད་པའི་རྗེས་གནང་བྱ་ཚུལ་བསམ་འཕེལ་ནོར་བུ་བཅས། བསོད་རྩེ་འཕགས་པ་གཉིས་ཀྱི་གསུང་བཀའ་འབུམ་ལྟར་ལ་ཡར་ཀླུང་པའི་ཡིག་ཆའི་ལུང་རྒྱུན་བཙལ་དགོས། ལྟག་ལུང་པ་བཀྲ་ཤིས་དཔལ་གྲུབ་ཀྱི་ཡིག་ཆའི་སྟེང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། གྲུབ་པའི་རྒྱལ་མོ། ཏི་ཕུ་པ།
འདི་མ་བྱུང་།
རས་ཆུང་རྡོ་རྗེ་གྲགས། བུར་སྒོམ་ནག་པོ། ཕག་