R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༡༣བ
[A:༡༡༣བ]དབང་ཕྲིན་ལས་བསྟན་འཛིན། ངག་དབང་ཕྲིན་ལས་མཆོག་གྲུབ། གྲགས་པ་མང་ཐོས། ངག་དབང་དཔལ་འཕེལ། ངག་དབང་ཀུན་དགའ་བཀྲ་ཤིས། རྗེ་ཆོས་དབྱིངས་ལྷུན་གྲུབ། སྟག་ལུང་པ་ངག་དབང་བསྟན་པའི་ཉི་མ། ལྷ་བཙུན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་བཞིན་ནོ། ། སྒྲུབ་ཐབས་རིན་འབྱུང་ལྟར་ན། རྗེ་དྲུང་མཚོ་སྐྱེས་རྡོ་རྗེ་ཡན་འདྲ། དེ་ནས་ཀུན་དགའ་བཀྲ་ཤིས། ཏཱ་ར་ནཱ་ཐ་ལའོ། ༈ གྲུབ་རྒྱལ་ཚེ་དཔག་མེད་དཀར་མོ་ཡང་གསང་ཕྱག་བཞི་པ་རས་ཆུང་ལུགས་དཔལ་སྟག་ལུང་པ་ལ་བཀའ་བབས་པའི་བྱིན་རླབས་དབང་བསྐུར་གྱི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། རས་ཆུང་རྡོ་རྗེ་གྲགས་པ། རྣལ་འབྱོར་པ་བུར་སྒོམ་ནག་པོ། བདེ་བཤེགས་ཕག་མོ་གྲུ་པ། དཔལ་སྟག་ལུང་ཐང་པ་རིན་པོ་ཆེ་སོགས་སྟག་ལུང་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུའི་བརྒྱུད་པ་དང་འདྲའོ། ། ༈ ཀུན་མཁྱེན་རོང་སྟོན་ཆེན་པོའི་ཉེ་བརྒྱུད་ཚེ་སྒྲུབ་ཞག་བདུན་མ་ཚར་ཆེན་རིན་པོ་ཆེའི་ཉམས་ལེན་འཆི་མེད་བདུད་བརྩིའི་བཅུད་ལེན་གྱི་ཡི་གེའི་