R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༡༥བ
[A:༡༡༥བ]གོང་འོག་སྤྱི་དང་འདྲ། ཡང་ན། ཡེ་ཤེས་གྲུབ་པ་ཡན་སྔར་ལྟར་ལ། དེ་ནས་སངས་རྒྱས་གྲགས་པ། བླ་མ་རྡོ་རྗེ་རིན་ཆེན། དཀའ་བཞི་པ་དཔལ་ལྡན་གྲགས་པ། རེད་མདའ་བ་གཞོན་ནུ་བློ་གྲོས། པཎ་ཆེན་ཤཱཀྱ་མཆོག་ལྡན། སྤྱང་ལུང་གཞོན་ནུ་མཆོག་
(ཆོས་?)
གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །བྲག་སྟོད་ལྷ་དབང་གྲགས་པ། རྗེ་མི་ཕམ་བློ་གྲོས་ནས་འདྲའོ། ། ༈ ཁྲིད་ལུང་གི་བརྒྱུད་པ། ཐུབ་པའི་དབང་པོ། དགྲ་བཅོམ་པ་མ་ཏི་ཤྲཱི། བལ་པོ་ཧ་དུ་ཙནྡྲ། དར་མ་གྲགས། མངའ་རིས་དཔལ་ཆེན་རྒྱལ་བ་གྲུབ། སློབ་དཔོན་ཡེ་ཤེས་རྒྱལ་བ། ཤེས་རབ་རྒྱལ་མཚན་ནམ་ཤེས་རབ་གྲགས་པ། ཡེ་ཤེས་གྲུབ་པ། བསོད་ནམས་མགོན་པོ། ཡང་རྩེ་བ་རིན་ཆེན་སེང་གེ། བུ་སྟོན་རིན་ཆེན་གྲུབ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། བཀྲ་ཤིས་རིན་ཆེན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། དཀོན་མཆོག་རྒྱལ་མཚན། སངས་རྒྱས་རིན་ཆེན། ས་ལོ་ཀུན་དགའ་བསོད་ནམས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། བྲང་ཏི་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དཔལ་མཆོག་རྒྱལ་མཚན། མཁན་སངས་