R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༡༦བ
[A:༡༡༦བ]ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། དཀོན་མཆོག་བསྟན་འཛིན། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་ཉི་མ། པདྨའི་རྒྱལ་མཚན། དཔལ་སྟག་ལུང་ཐང་པ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ། དེ་ལས་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་དབྱངས་བློ་གཏེར་དབང་པོ། བྲག་རི་འཇམ་དབྱངས་ཆོས་ཀྱི་ཉི་མ། མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་བསྟན་འཛིན་སྙིང་པོ། དེས་བདག་ས་སྐྱ་པ་ཐེག་ཆེན་དཔལ་འབར་ལ་དགྱེས་བཞིན་དུ་བསྩལ་བའོ། ། ༈ གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོའི་ཉེ་བརྒྱུད་ཚེ་སྒྲུབ་འཆི་མེད་དཔལ་སྟེར་དཔལ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ཀྱི་དབང་ཆོག་རྡོ་རྗེའི་རྒྱ་མདུད་ཀྱི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། མགོན་པོ་ཚེ་དཔག་མེད། རྟ་མགྲིན་དབང་གི་རྒྱལ་པོ། ཨོ་རྒྱན་པདྨ་འབྱུང་གནས། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྡོ་རིང་ཀུན་སྤངས་ཆེན་པོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། མཁན་ཆེན་