R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༡༧བ
[A:༡༡༧བ]མན་གོང་ལྟར་དང་། ཡང་ན། ལྔ་པ་རིན་པོ་ཆེ། ཞྭ་ལུ་མཁན་ཆེན། རིན་ཆེན་འཇམ་དཔལ། འཇམ་དཔལ་མཁྱེན་བརྩེ། བྱམས་པ་ཆོས་རྒྱལ་མན་འདྲ། ཡང་ན། རྨོར་ཆེན། གནས་གསར་བ། ཁ་རག་ཆོས་རྗེ་བོད་འབྲུག་པ་བློ་གསལ་ཕུན་ཚོགས། བསྟན་འཛིན་ཕྲིན་ལས་མན་འདྲའོ། ། ༈ ཡང་ན། ཚེ་དབང་ཐང་རྒྱལ་མའི་བརྒྱུད་པ་ནི། ཀུན་བློ་ནས། ནམ་མཁའ་འཆི་མེད། དབང་སྡུད་སྙིང་པོ། ཨ་ཎི་དྲུང་། གསུམ་ག་ལས་རྗེ་བླ་མ་ཕྲིན་ལས་རབ་རྒྱས། དེ་ལས་འཇམ་དབྱངས་མཁྱེན་བརྩེས་གསན་པ་མན་འདྲ། ཡང་ན། ནམ་མཁའ་འཆི་མེད་ནས། མཁན་ཆེན་མཆེད་གཉིས། གཉིས་ཀ་ལས་ཕྲིན་རབ། ཡང་ན། དབང་སྡུད་སྙིང་པོ་ལས། ཁྲི་ཆེན་དང་། ཀུན་དགའ་རིན་ཆེན་གཉིས། གཉིས་ཀ་ལས་ཕྲིན་ལས་རབ་རྒྱས། ཡང་ན། བྱམས་པ་ཀུན་དགའ་བསྟན་འཛིན་ལས། བྱམས་པ་འཇམ་དཔལ་གྲགས་པ། བླ་མ་ཕྲིན་ལས་རབ་རྒྱས། ཡང་ན། བྱམས་པ་ཀུན་དགའ་བསྟན་འཛིན་ལས། རྗེ་མཁྱེན་བརྩེའི་དབང་པོ་སོགས་འདྲ། ལུང་ལ། རྗེ་གྲུབ་ཐོབ་ཆེན་པོའི་