R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༡༨བ
[A:༡༡༨བ]དཔོན་ཛཻ་ཏཱ་རིས་ལེགས་པར་བཀྲལ་བའི་རྗེས་སུ་གནང་བ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སྟོན་པ་ཐུབ་པའི་དབང་པོ། གསང་འཛིན་ཕྱག་ན་རྡོ་རྗེ། སློབ་དཔོན་ཛེ་ཏཱ་རིའམ་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བསོད་ནམས་དཔལ་བ། བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བློ་གྲོས། སངས་རྒྱས་རིན་ཆེན། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། ཀུན་དགའ་དཔལ་འབྱོར། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང། ངག་དབང་ཆོས་སྐྱོང་བཟང་པོ། མཁན་ཆེན་ནམ་མཁའ་འཆི་མེད། བྱམས་པ་