R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༣༦བ
[A:༡༣༦བ]དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། ཀུན་དགའ་ལེགས་པ། སངས་རྒྱས་ཕུན་ཚོགས། བསོད་ནམས་དཔལ་ལྡན་བཟང་པོ། ནམ་མཁའ་བསམ་གྲུབ། ས་ཆེན་ཀུན་བློ། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། གཉིས་ཀ་ལས་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ། རྗེ་མཁྱེན་བརྩེའི་དབང་པོ་མན་འདྲ། ཡང་ན། ནམ་མཁའ་བསམ་འགྲུབ་ནས། ངག་དབང་ཤེས་རབ། རིན་ཆེན་གྲགས་པ། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། རྗེ་མཁྱེན་བརྩེ་མན་འདྲ། ཡང་ན། ཞུ་ཆེན་ཡན་དེའི་གསན་ཡིག་ལྟར་ལ། ཡེ་པཎ་ངག་དབང་རབ་རྒྱས། བླ་མ་དགེ་འདུན་རྒྱ་མཚོ། ཆོས་རྗེ་དགེ་ལེགས་རྒྱ་མཚོ། རྗེ་མཁྱེན་བརྩེ་མན་འདྲ། ལུང་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་དགེ་སློང་མ་དཔལ་མོས་མཛད་པ་ལོ་ཆེན་རིན་བཟང་འགྱུར། འཇིག་རྟེན་དབང་ཕྱུག་གི་གཞུང་བཞི་ཉམས་སུ་ལེན་ཚུལ་ཀུན་མཁྱེན་བསོད་ནམ་སེང་གེས་མཛད་པ། སྒྲུབ་ཐབས་རྗེས་གནང་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བསྙེན་ཐབས་དྲི་མེད་ཕྲེང་བ་སངས་