R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༤༢བ
[A:༡༤༢བ]སེང་གེ །བུ་སྟོན་རིན་ཆེན་གྲུབ། བླ་མ་འཇམ་དབྱངས་དཀར་པོ། ཆོས་རྗེ་རིན་ཆེན་ལེགས་པ། སྐུ་ཞང་མཁྱེན་རབ་ཆོས་རྗེ། འདུལ་འཛིན་གྲགས་པ་རྒྱལ་མཚན། ཞྭ་ལུ་བ་ལེགས་པ་རྒྱལ་མཚན། རྒྱུད་པ་ཤེས་རབ་བཟང་པོ། མཁས་གྲུབ་ཉི་མ་བཀྲ་ཤིས། མཁས་གྲུབ་བདེ་ལེགས་ཉི་མ། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་མན་འདྲ། ལུང་ལ། དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་གཙོ་རྐྱང་གི་སྒྲུབ་ཐབས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ། རྩ་སྔགས་སམ་ཕྲེང་སྔགས་སུ་གྲགས་པ་འགྲོལ་བཅས་གོང་དང་འདྲ། རྗེས་གནང་གི་ཆོ་ག་མཁྱེན་བརྩེས་མཛད་པ་བཅས། ༈ དཔལ་ཕྱག་ན་རྡོ་རྗེ་ཞལ་མཇལ་ཞིང་མཐུ་སྟོབས་ཀྱི་དབང་ཕྱུག་སྙེ་མདོ་བླ་ཆེན་ཤཱཀྱ་དཔལ་བ་ནས་བརྒྱུད་པ་ཕྱག་རྡོར་འབྱུང་པོ་འདུལ་བྱེད་སེམས་དཔའ་སུམ་བརྩེགས་མེ་དབང་བཞི་དང་བཅས་པའི་རྗེས་གནང་མཁན་ཆེན་ངག་དབང་བསྟན་པའི་རྡོ་རྗེའི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། བླ་ཆེན་ཤཱཀྱ་དཔལ། བླ་ཆེན་ཆོས་དཔལ་བ། ཆོས་རྗེ་བོད་འབྲུག་པ། གཉིས་ཀ་བྱམས་པ་རིན་ཆེན་དཔལ་བཟང་། ཆོས་རྗེ་ལྷ་དབང་