R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༤༧ན
[A:༡༤༧ན]ལུགས་ནི། སྒྲོལ་མ། ངག་དབང་གྲགས་པ། པཎྜི་ཏ་ནགས་ཀྱི་རིན་ཆེན། རྗེ་ཀུན་དགའ་མཆོག་གྲུབ། དེ་དབོན་ཀུན་དགའ་གྲོལ་མཆོག །ཆོས་རྗེ་ཀུན་དགའ་རྒྱལ་མཚན། སྔགས་འཆང་དཀོན་མཆོག་ལེགས་འཛིན་མན་འདྲ། དྲུག་པ་ཨ་བྷ་ཡའི་ལུགས་ནི། སྒྲོལ་མ། ཨ་བྷ་ཡ། ཤུ་བྷཾ་ཀ་ར། རཏྣ་ར་ཀྵི་ཏ། གཽ་ཏཾ་ཤྲཱི། ཀཱིརྟི་ཙནྡྲ། ལོ་ཙཱ་བ་གྲགས་རྒྱལ། ཤེར་སེང་། བག་སྟོན། ཤེས་རབ་སེང་གེ །རིན་ཆེན་འཕེལ། ཡེ་ཤེས་འཕེལ། ཀུན་དགའ་བསོད་ནམས། བླ་མ་བྱང་སེང་། རྒྱམ་པ་ཡོན་ཏན་འོད། ཤངས་དཀར་བ་རིན་ཆེན་རྒྱལ་མཚན། སྐུང་ལུང་པ་སངས་རྒྱས་དཔལ། རྗེ་འཕགས་པ་རིན་ཆེན། ཆག་ལོ་རིན་ཆེན་ཆོས་རྒྱལ་མན་འདྲ། བདུན་པ་དཔྱལ་ལུགས་ནི། མཁའ་འགྲོ་མ། རྡོ་རྗེ་གདན་པ། ནིཥྐ་ལཾ་ཀ དཔྱལ་ཆོས་བཟང་པདྨ་ཅན། ཨ་མོ་གྷ། གཞོན་ནུ་དཔལ། ཐར་ལོ། བུ་སྟོན་རིན་པོ་ཆེ་མན་འདྲ། བརྒྱད་པ་རྔོགས་ལུགས་ནི། སྒྲོལ་མ། ངག་དབང་གྲགས་པ། མར་པ། རྔོག་ཆོས་སྐུ་རྡོ་རྗེ་