R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༤༨བ
[A:༡༤༨བ]མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་ཡིག་སྟེང་ནས་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ་དཀར་མོ། མཁས་གྲུབ་ནོར་བཟང་རྒྱ་མཚོ། རྒྱལ་དབང་དགེ་འདུན་རྒྱ་མཚོ། སེ་ར་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བདེ་ལེགས་ཉི་མ། སྒོམ་སྡེ་པ་ནམ་མཁའ་རྒྱལ་མཚན། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། ཀུན་གཟིགས་ལྔ་པ་ཆེན་པོ། འཇམ་དབྱངས་ཕྲིན་ལས་ལྷུན་གྲུབ། ཀུན་མཁྱེན་ངག་དབང་བརྩོན་འགྲུས། མཁན་ཆེན་དགེ་འདུན་རྒྱ་མཚོ། དཀོན་མཆོག་འཇིགས་མེད་དབང་པོ། རྗེ་བླ་མ་དཀོན་མཆོག་རྒྱལ་མཚན། བྲག་དགོན་ཞབས་དྲུང་རིན་པོ་ཆེ་དཀོན་མཆོག་བསྟན་པ་རབ་རྒྱས། ཀུན་གཟིགས་མཁྱེན་བརྩེའི་དབང་པོ་མན་འདྲ། ལུང་ལ། ཡིད་བཞིན་འཁོར་ལོ་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྒྱལ་དབང་དགེ་འདུན་རྒྱ་མཚོས་མཛད་པ། བསྟོད་པ་ཚེ་དང་ཡེ་ཤེས་སྤེལ་བ་རིན་པོ་ཆེའི་ཕྲེང་བ་པཎ་ཆེན་དགེ་འདུན་གྲུབ་ཀྱིས་མཛད་པ་བཅས། འདིའི་ལུང་ཀློང་རྡོལ་གསན་ཡིག་ལྟར་ན། མཛད་པ་པོ་ནས། འདུལ་འཛིན་བློ་གྲོས་སྦས་པ། པཎ་ཆེན་ཡེ་ཤེས་