[A:༡༥༢ན]ཆོས་ཀྱི་རྒྱལ་མཚན། མཁས་བཙུན་བསོད་ནམས་དབང་ཕྱུག །མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། དེ་དབོན་དགེ་ལེགས་ལྷུན་གྲུབ། བླ་མ་ངག་དབང་ཆོས་འབྱོར། བླ་མ་དཔལ་ལྡན་ཕྲིན་ལས། རྗེ་བླ་མ་ཀུན་གཟིགས་མཁྱེན་བརྩེའི་དབང་པོ། འཇམ་པའི་དབྱངས་བློ་གཏེར་དབང་པོ་སོགས་མན་འདྲའོ། །
༈ མཉམ་མེད་ཇོ་བོ་ཆེན་པོའི་བཀའ་སྲོལ་ལས་བྱོན་པའི་སྒྲོལ་མ་ཉེར་གཅིག་རྒྱས་པའི་རྗེས་གནང་མཆོག་ལེགས་རྡོ་རྗེ་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་རིམ་པར་ནོས་པ་ལ། དང་པོ་རྩ་བ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལྗང་མོ། གཉིས་པ་ནད་གདོན་བགེགས་རིགས་ཞི་བའི་སྒྲོལ་མ་དཀར་མོ། གསུམ་པ་ཚེ་དང་ལོངས་སྤྱོད་འཕེལ་བའི་སྒྲོལ་མ་སེར་མོ། བཞི་པ་ཚེ་འཕེལ་བའི་སྒྲོལ་མ་སེར་མོ། ལྔ་པ་བུད་མེད་དབང་དུ་བྱེད་པའི་སྒྲོལ་མ་དམར་མོ། དྲུག་པ་འབྱུང་པོ་འདུལ་བའི་སྒྲོལ་མ་དམར་ནག །བདུན་པ་གཞན་གྱི་རིགས་སྔགས་ཟློག་པའི་སྒྲོལ་མ་ནག་མོ། བརྒྱད་པ་དགྲ་བོ་གསོད་པའི་སྒྲོལ་མ་དམར་ནག །