[A:༡༥༤བ]མོད་ཀྱང་མ་བཞུགས་སྙམ། ལུང་ལ། སྒྲུབ་ཐབས་འཇམ་དབྱངས་ས་པཎ་གྱིས་མཛད་པ། བསྟོད་གྲུབ། བུམ་ཆོག །བུམ་པ་དང་། སཱ་ཙྪ་ལ་བརྟེན་པའི་ལས་ཚོགས། རྫོགས་རིམ་བཅས་པཎ་ཆེན་གསུང་ཟབ་མོ་རྣམས་གོང་དང་འདྲ།
༈ རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་པ་ཐུགས་དམ་གནད་ནས་སྐུལ་བའི་སྒྲ་དབྱངས་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་དེ་ཉིད་ཀྱི་བཀའ་འབུམ་ལྟར་རོ། གྲུབ་པའི་སློབ་དཔོན་དགའ་རབ་རྡོ་རྗེ་ནས་རྡོ་རྗེ་གདན་པ་ལ་བརྒྱུད་དེ་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་དཔལ་ཀྱེ་རྡོ་རྗེ་ལྷན་སྐྱེས་ཀྱི་བྱིན་རླབས་ཟབ་མོ་སྒྲུབ་ཐབས་རིན་འབྱུང་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། དགའ་རབ་རྡོ་རྗེ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། རྗེ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། ལུང་ཕུ་བ། སེམས་ཆེར་བ་གཞོན་ནུ་གྲུབ། བྲག་ཕུག་པ། བླ་མ་དམ་པ། རྒྱལ་སྲས་ཐོགས་མེད། ཉན་པོ་པ་དཔལ་ལྡན་རིན་ཆེན། མ་ཎི་བ་ལེགས་རྒྱལ། འཕགས་མཆོག་གྲགས་པ་བསོད་ནམས། རྗེ་ཀུན་དགའ་མཆོག་གྲུབ།