R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༥༨བ
[A:༡༥༨བ]པ། བསྟོད་པ་བཅས་སྤྲུ་ལུང་པ་ཀུན་དགའ་སྨོན་ལམ་གྱིས་མཛད་པ། ༈ ཕག་མོའི་གཞུང་དྲུག་ལ་བརྟེན་བལ་པོ་བྷ་ལེནྡྲ་རུ་རྩི་ནས་བརྒྱུད་དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ་ལ་བཀའ་བབས་པའི་དཔྱལ་ལུག་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་ཡིག་རྙིང་གི་དགོངས་པ་ལྟར་སྡེབ་གཅིག་ཏུ་བསྐུར་བ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། རྡོ་རྗེ་ཕག་མོ། ལྕམ་ལེགས་ལཀྵྨི་སྨིན་ཀ་ར། བྲམ་ཟེ་བིརྺ་པ། ཨ་ཝདྷཱུ་ཏཱི་པ། ལྡོང་ངར་པ་ཏིང་འཛིན་རྡོ་རྗེ། བསོད་སྙོམས་པ་རྒྱལ་བས་བྱིན། བསོད་སྙོམས་པ་སངས་རྒྱས་བྱིན། བལ་པོའི་པཎྜི་དེ་བ། ཨཱ་ཀ་ར་ཙནྡྲ། བལ་པོ་བྷལེནྡྲ་རུ་རྩི། དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ། ཟར་སྟོན་ཨ་ཙརྻ། གཙང་ཡང་དག་རྡོ་རྗེ།
གཙང་ཡག་རྡོ་རྗེ།
དབུས་པ་ཤེས་རབ་རྡོ་རྗེ། ལྕེ་མདོ་སྡེ་སེང་གེ །གྲུ་ཤཱཀྱ་འབུམ། ལྕེ་བློ་ལྡན་སེང་གེ །ལྕེ་བཙུན་བསོད་ནམས་དཔལ། སྤྲུལ་སྐུ་དབང་ཕྱུག་རྡོ་རྗེ། སྤོས་ཁང་པ། རིན་ཆེན་རྒྱལ་མཚན། དགའ་གདོང་པ་ཆོས་རྒྱལ་དཔལ་བཟང་། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་མཁྱེན་རབ་མཆོག་གྲུབ། རྡོ་རིངས་པ་ཀུན་བཟང་ཆོས་ཉི། ཚར་ཆེན་བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག །