R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༥༩བ
[A:༡༥༩བ]ཡང་ན། དཔྱལ་ཀུན་དགའ་རྡོ་རྗེ་ནས། མར་པ་བསོད་ནམས་རྡོ་རྗེ། གཙང་ཤེས་རབ་རྡོ་རྗེ། མར་སྟོན་སེང་གེ་རྒྱལ་མཚན། ལྕེ་མདོ་སྡེ་སེང་གེ་ནས་འདྲ། ཡང་ན། དཔྱལ་ལོ་ནས། ཟར་ཨ་ཙརྻ། གཉིས་ཀས་ཞང་འོད་དེ། དབུས་པ་གཟི་འོད། དབུས་པ་ཤེས་རབ་རྡོ་རྗེ། ལྕེ་མདོ་སེང་ནས་འདྲ། ཡང་ན། དཔྱལ་ལོ་ནས། མར་པ་བསོད་ནམས་རྡོ་རྗེ། ཁམས་པ་ཞང་སྟོན། བླ་མ་སྤུག་སྟོན། ལྷ་སྟེང་པ་འབྱུང་གནས་སེང་གེ །ལྕེ་མདོ་སེང་མན་འདྲ། ཡང་ན། དཔྱལ་ལོ་ནས། ཟར་ཨ་ཙརྻ། བླ་མ་སྣར་སྟོན། གྲགས་པ་ཚུལ་ཁྲིམས། ཀུན་དགའ་རྡོ་རྗེ། ཚུལ་ཁྲིམས་དཔལ་བཟང་། བུ་སྟོན་རིན་ཆེན་གྲུབ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། སྤོས་ཁང་པ་རིན་ཆེན་མན་འདྲའོ།
སྒྲུབ་ཐབས་རིན་འབྱུང་བརྒྱུད་པ་འདི་དང་གོང་འོག་ཀུན་ཏུ་མི་འདྲ་བ་བྱུང་།
ལུང་ལ། སྒྲུབ་ཐབས་དང་བྱིན་རླབས་ཀྱི་ཐོ་རྗེ་བཙུན་གྲགས་པའི་གསུང་། མཁའ་སྤྱོད་སྐོར་གསུམ་དང་། ཕག་མོ་སྐོར་གསུམ་གྱི་ཡིག་ཆའི་ལུང་མཁའ་སྤྱོད་བེའུ་བུམ་བརྒྱུད་པ་ལྟར་ཏེ་གཞན་དུ་ཤེས། གྲུབ་ཆེན་དཔལ་འཛིན་གྱིས་བཀྲལ་ཞིང་པཎ་ཆེན་བུདྡྷ་ཤྲཱི་ནས་བརྒྱུད་ཁྲོ་ཕུ་ལོ་ཙཱ་བ་ལ་བཀའ་བབས་པའི་