R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༦༢ན
[A:༡༦༢ན]ཆེན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ་མན་གོང་དང་འདྲ། ཡང་ན། རྡོ་རིངས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། མཁྱེན་བརྩེའི་དབང་ཕྱུག་མན་ཚོལ། ལུང་ལ། ཐུགས་རྗེ་ཆེན་པོ་ཁ་སརྤ་ཎིའི་སྒྲུབ་ཐབས་ཚིགས་སུ་བཅད་པ་བཞི་པ། དེའི་མན་ངག་དང་བཅས་པ་རྗེ་མི་ཏྲིའི་གདམས་པ། ཐུགས་རྗེ་ཆེན་པོའི་རྒྱུན་གྱི་ཡི་དམ། སྙིང་གི་མུན་སེལ་གྱི་གདམས་ངག་རྣམས་གནུབས་ལོ་ཙཱ་བས་བཀོད་པ་རྣམས་ཁྲོ་ཕུ་བརྒྱ་རྩའི་བརྒྱུད་པ་ལྟར། ༈ དཔལ་ཀརྨ་ཀཾ་ཚང་གི་ཟབ་ཆོས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་དབང་འཇམ་མགོན་བླ་མ་ངག་དབང་ཡོན་ཏན་རྒྱ་མཚོའི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མ་གཅིག་གྲུབ་པའི་རྒྱལ་མོ། ཏེ་ཕུ་བ་དྲི་མེད་བཤེས་གཉེན། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་ཆེན། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྴི། གཉན་རས་དགེ་འདུན་འབུམ། ཆོས་