[A:༡༦༣ན]དཔའ་རྡོ་རྗེ་སྙིང་པོས་མཛད་པ་གླན་དར་མ་ཚུལ་ཁྲིམས་ཀྱི་འགྱུར། རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་དཀོན་མཆོག་འབངས་ཀྱིས་མཛད་པ་གསལ་བྱེད་དཀྱུས་བསྡེབས་བཀླགས་གྲུབ། གཏོར་དབང་བཀླགས་ཆོག་ཏུ་བཀོད་པ་ཟབ་གསང་དགོངས་འདུས། ལྷ་ལྔ་གཞུང་རྐྱང་ལུགས་སུ་ཉམས་སུ་ལེན་པའི་ཟིན་བྲིས་པདྨའི་ལྕུག་མ། རྒྱུན་ཁྱེར་འཁོར་ལོ་གསུམ་པ་པདྨའི་སྙིང་པོ། གནས་ལུང་ཁྱེར་བདེར་བསྡུས་པ་ཐུགས་རྗེའེ་འཕྲུལ་ཞགས། སྲེག་བླུགས་ཀྱི་ཆོ་ག་མདོར་བསྡུས་པ་ཀུན་ལ་ཕན་པ། རབ་ཏུ་གནས་པའི་ཆོ་ག་སྙིང་པོ་བསྡུས་པ་རྣམ་དག་དགོངས་གསལ་རྣམས་འཇམ་མགོན་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོས་མཛད་པ་སྟེ། དེ་ཉིད་ཀྱི་ཞལ་ནས་རྗེ་མཁྱེན་བརྩེས་གསན་ཅིང་། དེ་མན་ཆད་འདྲའོ། །
༈ སྒྲོལ་དཀར་ཡིད་བཞིན་འཁོར་ལོ་མར་རྔོག་ཇོ་ལུགས་གསུམ་ཀའི་བཀའ་བབས་བཀའ་བརྒྱུད་ཀཾ་ཚང་གི་ལུགས་ཀྱི་རྗེས་གནང་གཅིག་ཤེས་ཀུན་གྲོལ་ལྟར་རྗེ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་ཡིག་ཆ་ཟླ་བ་འདོད་འཇོའི་