R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༦༩ན
[A:༡༦༩ན]གསུང་གཉིས་གོང་དང་འདྲ་ལ། ཐེམས་ཡིག་འཕགས་པས་མཛད་པ་བཀའ་འབུམ་ལྟར་རམ་བཙལ། བྱིན་རླབས་བྱ་ཚུལ་མན་ངག་དང་བཅས་པ་ཕན་བདེའི་ཆར་སྤྲིན་རྗེ་མཁྱེན་བརྩེས་མཛད་པ་བཅས། ༈ དཔལ་སྣར་ཐང་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ལས་བརྒྱུད་པའི་མན་ངག་ནོར་བུ་བསྟན་པ་སྤྱི་དབང་བྱ་ཐབས་ཆོས་སྤྱོད་བཅུ་ཉམས་སུ་ལེན་ཚུལ་དང་བཅས་པ་བསྟན་པའི་ཚུལ་འབྱེད་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཡིག་སྟེང་ནས་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། གནས་བརྟན་ཡན་ལག་འབྱུང་། དཔལ་ལྡན་གྲོ་མོ་ཚ་པ་བདུད་རྩི་གྲགས། ཞང་སྟོན་ཆོས་ཀྱི་བླ་མ། སྣར་ཐང་པ་སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་ནམ་མཁའ་གྲགས། ཞོར་པ་འཁོར་ལོ་སེང་གེ །ལ་རུ་བ་བསོད་ནམས་སེང་གེ །མཁན་ཆེན་འོད་ཟེར་སེང་གེ །མུས་སྲད་པ་དཔལ་ལྡན་སེང་གེ །གཉགས་དབོན་བསོད་ནམས་བཟང་པོ། བན་སྒར་བ་འཇམ་དཔལ་བཟང་པོ། ཀརྨ་ཆོས་གྲགས་