R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༧༠ན
[A:༡༧༠ན]ཞལ་སྔ་ནས་མཛད་པ་ཆོས་ཆུང་བརྒྱ་རྩའི་བརྒྱུད་པ་ལྟར། སྡུད་པ་སོགས་ཤེར་མདོ་འདོན་ཐབས་རྗེ་ས་པཎ་གྱིས་མཛད་པ། ཤེར་སྙིང་འདོན་པའི་མན་ངག་བར་ཆད་ཀུན་སེལ་དགེ་སློང་སྒྲ་ཚད་པས་མཛད་པ་བཙལ། དེའི་ལྷན་ཐབས་ཟབ་དོན་སྙིང་པོ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཕུང་པོ་གསུམ་པའི་མདོ་འདོན་ཐབས་རྗེ་ས་པཎ་གྱིས་མཛད་པ་རྣམས་བཀའ་འབུམ་ལྟར། ༈ གངས་ཅན་ལྗོངས་ཀྱི་ཐུབ་དབང་གཉིས་པ་མཁན་ཆེན་བོ་དྷི་སཏྭས་བཀྲལ་བའི་བདེ་གཤེགས་སྨན་བླ་མཆེད་བདུན་གྱིས་རྗེས་གནང་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་སྨན་གྱི་བླ་མ། ཤཱཀྱའི་ཏོག །འཇམ་དཔལ་དབྱངས། མཁན་ཆེན་བྷོ་དྷི་སཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མུ་ནེ་བཙན་པོ།
རིན་འབྱུང་དུ་
སད་ན་ལེགས་འཇིང་ཡོན། མངའ་བདག་ཁྲི་རལ་པ་ཅན། ལྷ་ལུང་དཔལ་གྱི་རྡོ་རྗེ། མངའ་བདག་འོད་སྲུང་། མངའ་བདག་དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། མངའ་བདག་བཀྲ་ཤིས་ལྡེ། ལྷ་བླ་མ་ཡེ་ཤེས་འོད།