[A:༡༧༢བ]བསྟན་འཛིན། བླ་མ་དཔལ་ལྡན་ཕྲིན་ལས། རྗེ་མཁྱེན་བརྩེ་ནས་འདྲ།
ཡང་ན། ཇོ་བོ་རྗེ། འབྲོམ་རྒྱལ་བའི་འབྱུང་གནས། རྔོག་ལེགས་པའི་ཤེས་རབ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཕྱ་པ་ཆོས་ཀྱི་སེང་གེ །གཙང་ནག་པ་ཐུགས་རྗེ་སེང་གེ །
གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་བྱང་ཆུབ་འབུམ། མཆིམས་བློ་བཟང་གྲགས་པ་མན་འདྲའོ། །
ལུང་ལ། མི་འཁྲུགས་པའི་མངོན་རྟོགས་བླ་མ་ཞང་སྟོན་པའི་ཞལ་ནས་བྱོན་པ་ལྟར་བཀོད་པ་གོང་ལྟར། ཇོ་ལུགས་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཆོ་ག་སྡིག་སྒྲིབ་ཀུན་སྦྱོང་རྗེ་མཁྱེན་བརྩེས་མཛད་པ།
༈ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ཐུགས་དམ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་རྗེས་གནང་རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཀླུ་དབང་རྒྱལ་པོ། འཕགས་པ་ཀླུ་སྒྲུབ། ཟླ་བ་གྲགས་པ། ཇོ་བོ་དཱི་པཾ་ཀ་ར། འབྲོམ་སྟོན་པ། སྤྱན་སྔ་བ། བྱ་ཡུལ་བ། མུས་