[A:༡༧༥བ]གནང་དང་བཅས་པ་ལན་གཉིས་སུ་བཀའ་དྲིན་བསྩལ་བའོ། །ཞེས་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་ཐོ་ལས་བྱུང་།
ལུང་ལ། བཀའ་གདམས་ལྷ་བཞིའི་མངོན་རྟོགས་རྗེས་གནང་དང་བཅས་པ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ་ལ་རྗེ་མཁྱེན་བརྩེས་གསལ་བྱེད་བཅུག་པ། ཁྲིད་ཀྱི་ཡི་གེ་མདོ་སྔགས་ལམ་གྱི་བཅུད་འདུས་ལ་ནང་གསེས་སུ། ཐུབ་པའི་དབང་པོའི་ལྟ་ཁྲིད། སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད། སྒྲོལ་མ་རྗེས་དྲན་ལྔའི་ཁྲིད། མི་གཡོ་བ་ཆོས་དྲུག་གི་ཁྲིད་བཅས་འཇམ་མགོན་བླ་མ་ཡོན་ཏན་རྒྱ་མཚོས་མཛད་པ་ནི་རྗེ་ཉིད་ཀྱིས་ཞལ་སྔ་ནས་མཁྱེན་བརྩེས་གསན། དེ་ནས་འདྲའོ། །
༈ བླ་མ་རྡོ་རྗེ་གདན་པའི་ཆོས་དྲུག་པ་བ་རི་ལོ་ཙཱ་བ་ནས་བརྒྱུད་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབས་པའི་རྗེས་གནང་སྒྲུབ་ཐབས་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་གདན་པ་ཆེ་ཆུང། བ་རི་ལོ་ཙཱ་བ། རྗེ་བཙུན་ས་སྐྱ་པ་ཆེན་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་རི་ཁྲོད་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས།