[A:༡༧ན]འཆང་བློ་གསལ་བསྟན་སྐྱོང་གིས་གསལ་བྱེད་མཛད་པ་ནི། རྗེ་དེ་ཉིད་ལས་མཁྱེན་བརྩེས་གསན་ཅིང་། གཞན་དག་གི་ལུང་འཇམ་མགོན་རྡོ་རྗེ་རིན་ཆེན་གྱི་ཞལ་སྔ་ནས་མཁྱེན་བརྩེས་སོ། །
༈ དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་ལས། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་རྗེས་གནང་ཞྭ་ལུ་བློ་གསལ་བསྟན་སྐྱོང་གི་ཡིག་ཆ་ལྟར་ཐོབ་པའི་བརྒྱུད་པ་ནི། དམ་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ། གསང་བདག་ཟླ་བ་བཟང་པོ། ལྷའི་དབང་པོ། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག །སྣ་ཚོགས་གཟུགས། ལྷའི་དབང་ལྡན། རིགས་ལྡན་འཇམ་དཔལ་གྲགས་པ། པདྨ་དཀར་པོ། དུས་ཞབས་པ། ན་ལནྡ་པ། ཁ་ཆེ་ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། སྒོམ་པ་དཀོན་མཆོག་སྲུང་། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེ། སྲས་ཆོས་ཀྱི་དབང་ཕྱུག །གྲུབ་ཐོབ་ནམ་མཁའ་འོད་ཟེར། མ་གཅིག་སྤྲུལ་སྐུ་ཇོ་འབུམ། ས་མོ་ཆེ་ནམ་མཁའ་འོད། འཇམ་གསར་བ་ཤེས་རབ་འོད་ཟེར། ཀུན་