R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༨༠བ
[A:༡༨༠བ] རྒྱུད་ལས་ཕྱུང་བ་བུ་སྟོན་མཆན་ཅན། སྒྲུབ་ཐབས་ལས་ཚོགས་བཅས་ཀུན་མཁྱེན་དོལ་བུ་པས་མཛད་པ། སྒྲུབ་ཐབས་རྗེས་གནང་བརྟན་གཡོའི་དུག་འཇོམས་ཞྭ་ལུ་བློ་གསལ་ཞབས་ཀྱིས་མཛད་པ་བཅས། རྗེ་འདི་ཉིད་ལས་མཁྱེན་བརྩེའི་དབང་པོས་གསན་པ་མན་འདྲའོ། ། ༈ དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་གུར་གྱི་ལས་རྒྱས་པའི་ལྷ་གསུམ་ལས། དང་པོ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་མཁན་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་ཐུན་མོང་མ་ཡིན་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། ཡེ་ཤེས་མཁའ་འགྲོ་དྲི་མེད་གཟི་བརྗིད། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་གྲགས་པ། ཆོས་ཀྱི་སེང་གེ ། འཇམ་གསར་བ་ཤེས་རབ་འོད་ཟེར། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེས་རབ་སེང་གེ །བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ།