R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༨༥ན
[A:༡༨༥ན]བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ལྷ་མཆོག་སེང་གེ །སངས་རྒྱས་སེང་གེ །པཎ་ཆེན་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཆོས་རྗེ་ཀུན་དགའ་རྣམ་རྒྱལ། ཐར་རྩེ་ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། རིན་ཆེན་རྒྱལ་མཚན། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། ས་ཆེན་ངག་དབང་ཀུན་དགའ་རིན་ཆེན། རྗེ་མཁྱེན་བརྩེའི་དབང་པོ་ནས་འདྲའོ། །ཡང་ན། ཀུན་བློ་ནས། དཔལ་ལྡན་ཆོས་སྐྱོང་། སྔགས་འཆང་ཀུན་དགའ་རིན་ཆེན། དེ་ལས་མཁྱེན་བརྩེས་གསན་པའོ། ། ལུང་ལ། རྗེ་བཙུན་གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་རིག་པ་ཆེན་མོའི་སྐོར་ལ། སྒྲུབ་ཐབས་མདོར་བསྡུས་འཕགས་པ་རིན་པོ་ཆེས་མཛད་པ། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས།