R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༨༩ན
[A:༡༨༩ན]རྗེ་བཙུན་གྲགས་པས་མཛད་པ། དཔའ་བོ་གཅིག་པའི་སྒྲུབ་ཐབས་བརྒྱ་རྩ་ནས་བྱུང་བ། དཔའ་བོ་གྲུབ་པའི་སྒྲུབ་ཐབས་འཕགས་པ་རིན་པོ་ཆེས་མཛད་པ། སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་རྗེ་མཁྱེན་བརྩེ་ཉིད་ཀྱིས་མཛད་པ་བཅས། གོང་མའི་གསུང་བཀའ་བུམ་ལྟར་ལ་གཞན་རང་གཞུང་ལྟར་རོ། ། ༈ གྲུབ་པའི་སློབ་དཔོན་ཛེ་ཏཱ་རི་ནས་བླ་མ་བ་རི་ལོ་ཙཱ་བ་ལ་བརྒྱུད་རྗེ་ས་སྐྱ་པ་ལ་བཀའ་བབས་པའི་རྡོ་རྗེ་རྣམ་འཇོམས་ལྷ་གཅིག་བུམ་གཅིག་གི་རྗེས་གནང་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་དང་། པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། གསང་བའི་བདག་པོ། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། ཆུང་བ་དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན། འཕགས་པ་རིན་པོ་ཆེ། བླ་མ་བསོད་ནམས་དབང་ཕྱུག །བླ་མ་རིན་ཆེན་