R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༩༦བ
[A:༡༩༦བ]གཡའ་བཟང་པ་ནས། གངས་ཅན་པ་ཀུན་དགའ་དཔལ་ཡན་གོང་དང་འདྲ། དེ་ནས། རིན་ཆེན་ཆོས་ལེགས་འཕེལ། ཨོ་རྒྱན་དཔལ་འབྱོར། གཡའ་བཟང་པ་བཤེས་གཉེན་དཔལ་ལགས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། བཤེས་གཉེན་འགྱུར་མེད་དོན་ལྡན། མཁན་ཆེན་ཨོ་ཌི་ཡཱ་ན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་རིན་པོ་ཆེ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་འདྲ། དེ་ལས་འདིར་བཀོད་པའི་རོང་སྐོར་ལེ་ཚན་གཉིས། བསྙེན་ཡིག་ཞལ་གདམས་སྨར་ཁྲིད་དུ་བཀོད་པ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱིས་མཛད་པ་འདི་ལྟར་དང་། མངོན་རྟོགས་དང་། རྗེས་གནང་པདྨ་གར་དབང་གིས་གསུང་དག་གོང་རྗེས་གནང་དང་འདྲའོ། ། ༈ མ་གཅིག་གྲུབ་པའི་རྒྱལ་མོས་རྗེ་བཙུན་རས་ཆུང་རྡོ་རྗེ་གྲགས་པ་ལ་བར་ཆད་སེལ་བའི་ལྷར་བསྩལ་བ་དཔལ་རྟ་མགྲིན་དམར་པོ་དཔའ་བོ་གཅིག་པའི་བྱིན་རླབས་རྗེས་གནང་ཚར་ཆེན་རིན་པོ་ཆེའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། དཔལ་རྟ་