R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༩༧བ
[A:༡༩༧བ]འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་འདྲ། ལུང་ལ། སྒྲུབ་ཐབས་བྱིན་རླབས་ཀྱི་ཆོ་ག་བཅས་ཚར་ཆེན་རིན་པོ་ཆེས་མཛད་པ་གོང་འདྲ། ༈ བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས་ཞལ་གཟིགས་པའི་ཁྲོ་རྒྱལ་རྟ་མགྲིན་ནག་པོ་ཟླ་རྒྱལ་ལུགས་ཀྱི་རྗེས་གནང་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་དཔལ་རྟ་མགྲིན། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་འོད་ཆེན། ཞང་དབུ་དཀར་བ། ཞལ་ལོ་ཙཱ་བ། ཞང་བྱང་རིན། དཔལ་རྒྱལ་བ་གྲུབ། ཆོས་རྗེ་འཛིན་པ། ཆོས་རྗེ་སྤང་སྒང་པ། སྒྲུབ་པ་པོ་རིན་ཆེན་བརྩོན་འགྲུས། མཁས་བཙུན་བྱང་ཆུབ་སེང་གེ །ས་བཟངས་འཕགས་པ། རྗེ་བཙུན་ཀུན་དགའ་བཟང་པོ། ཁ་ཕྱར་བ་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ །འདྲེན་མཆོག་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་ནམ་མཁའ་དཔལ་བཟང་།
ཕྱག་བྲིས་སུ་པཎ་ཆེན་ནས། མཆོག་ལེགས་རྡོ་རྗེ། གསུངས་པ་བརྟག །
དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཤེའུ་ལོ་ཙཱ་བ་ཀུན་དགའ་