R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༠༡ན
[A:༢༠༡ན]བཙུན་ས་སྐྱ་པ་ཆེན་པོ་ལ་དངོས་སུ་གནང་བ་གསེར་ཆོས་ཁྱུང་ནག་གསེར་མིག་འཁྱིལ་པ་འབྱུང་པོ་འུར་འདེད་ཀྱི་རྗེས་གནང་སངས་རྒྱས་ཕུན་ཚོགས་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སློབ་དཔོན་ཤེས་རབ་གསང་བའམ་ཨཱ་ཙརྻ་དམར་པོ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། རོང་མི་གྲགས་པ་དཔལ། རོང་མི་བུདྡྷ་ཤྲཱི། རོང་མི་དར་མ་གྲགས། རོང་མི་སངས་རྒྱས་རྒྱལ་མཚན། རོང་མི་བསོད་ནམས་རྒྱལ་མཚན། ཤར་སྦུ་ཆུ་བ་དཔལ་ལྡན་གྲགས་པ། གྲགས་པ་དཔལ་མགོན། ཇོ་གདན་ནམ་མཁའ་ལྷུན་བཟང་། བླ་མ་དཔལ་ལྡན་གྲགས་པ། མུས་ཆེན་འཇམ་དབྱངས་དཀོན་མཆོག་
(-རྒྱལ་མཚན་)
རྒྱ་མཚོ། མུས་ཆེན་བསོད་ནམས་ཆོས་འཕེལ་ལྷུན་གྲུབ། མཁན་ཆེན་ངག་དབང་ཆོས་གྲགས། རྒྱལ་རྩེ་བ་བསོད་ནམས་རྒྱལ་མཚན། སངས་རྒྱས་དཔལ་བཟང་། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མཆོག་གྲུབ། རིན་ཆེན་ཆོས་མཛད། རྗེ་ངག་དབང་ལེགས་གྲུབ། མཁྱེན་བརྩེའི་དབང་པོ་