[A:༢༠ན]
རབ་ཕུན་ཚོགས། རྡོ་རྗེ་འཆང་ཀུན་དགའ་སྙིང་པོ། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན། ཡབ་རྗེ་རྩ་བའི་བླ་མ་དམ་པ་ངག་དབང་ཀུན་དགའ་རིན་ཆེན། དེས་བདག་འཁོན་སྲས་ལའོ། །
རྣམ་སྲས་དམར་སེར་ལས་མཁན་མདུང་དམར་ཅན་དང་རྣམ་སྲས་དཀར་པོ་གཉིས་ཀྱི་རྗེས་གནང་གི་བརྒྱུད་པ་ལུགས་གཅིག་ནི། རྡོ་རྗེ་འཆང་དབང་རབ་ལས་འཇམ་མགོན་བསོད་ནམས་མཆོག་ལྡན་གྱིས་གསན། དེ་ལས་མཁན་ཆེན་ཞཱ་ལུ་བ་ཆེན་པོས་གསན་པ་མན་འདྲའོ། །
རྣམ་སྲས་སྤྲིན་གསེབ་མ་སེར་ཅན་ལྷ་དགུར་གྲགས་པའི་རྗེས་གནང་གི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། དཔལ་ཨོ་ཌི་ཡ་ན་ཆེན་པོ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་མུ་ཏིག་བཙན་པོ། ཞང་ལྷ་བཟང་ཀླུ་དཔལ་ནས་རིམ་པར། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མུས་ཆེན་རྣམ་རྒྱལ་བཟང་པོ། ཤམྦྷ་ར་རིན་ཆེན་ཀུན་དགའ་སངས་རྒྱས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་པའི་འབྱུང་