R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༡༤ན
[A:༢༡༤ན]སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། དོལ་གསུང་རབ་གླིང་པ་བློ་བཟང་རིན་ཆེན། ཕོ་
(ཕུ་?)
ཁང་བཀའ་འགྱུར་བ་བློ་བཟང་ཆོས་འཛིན། གདོང་ཀོང་མཆོག་སྤྲུལ་རིན་པོ་ཆེ་ཕུན་ཚོགས་རྒྱ་མཚོ། ཞང་ཞུང་བ་གྲུབ་དབང་ཡེ་ཤེས་མཐའ་ཡས། ཡོངས་འཛིན་དཀྱིལ་ཁང་པ་བློ་བཟང་ཆོས་འཕེལ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། རྒྱལ་སྲས་རིན་པོ་ཆེ་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། སྟག་ཕུ་སྤྲུལ་སྐུ་བློ་བཟང་ཆོས་ཀྱི་དབང་ཕྱུག །ར་བླ་སྤྲུལ་སྐུ་བློ་བཟང་བསྟན་པའི་དངོས་གྲུབ། སྟག་ཕུ་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ། ཆུ་བཟང་པ་ཡེ་ཤེས་སྐལ་བཟང་མཁས་གྲུབ། ཐེ་བོ་སྤྲུལ་སྐུ་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོ། དེ་ལས་རྗེ་མཁྱེན་བརྩེས་གསན་པ་མན་འདྲ། སྒྲུབ་ཐབས་རིན་འབྱུང་ནས་བྱུང་བ་ནི་དེ་ཉིད་ཀྱིས་བརྒྱུད་པ་ལྟར་ཏེ་བཀའ་སྲོལ་གཅིག་འདུས་སོ། ། ལུང་ལ། དཔལ་གསང་བ་འདུས་པ་ལས་བྱུང་བའི་གནོད་སྦྱིན་ཛཾ་བྷ་ལ་སེར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ། གསང་འདུས་རྩ་བརྒྱུད་ལེའུ་བཅུ་དྲུག་པ་ལས་