[A:༢༡༧བ]བྱམས་པའི་དཔལ་གྱིས་མཛད་པ། སྤྲུལ་པའི་ཕྲིན་ལས་གདུལ་བྱ་གཞན་རྒྱུད་དང་མཐུན་པའི་རྣམ་ཐར་བསྟན་པ། ཕྱི་ནང་གསང་གསུམ་རིན་ཆེན་བདུན་ངོས་འཛིན། གྲོང་ཁྱེར་ཤིང་ཐབས་ཅན་གྱི་ལོ་རྒྱུས། དབང་ཕྱུག་སྙིང་པོའི་གཏེར་བུམ་ནས། ཧཱའི་ཕྲིན་ལས་ཀྱིས་བཀྲ་ཤིས་གསོལ་བའི་བར་གྱི་ལས་ཚོགས་རྣམས་སྐྱོགས་ལོའི་མཆན་ཅན། བསྟོད་པ་ཚིགས་བཅད་དགུ་པ་ཞེས་ཐུན་མོང་གི་དང་། ཕྲིན་ལས་ཉི་ཤུའི་སྒོ་ནས་ཁྱད་པར་གྱི་བསྟོད་པ་ནོར་འཛིན་དཔལ་གྱིས་མཛད་པ་ཁྲོ་ལོའི་འགྱུར། ཡན་ལག་བདུན་གྱིས་སྒོ་ནས་བསྟོད་པ་ལོ་ཙཱ་བ་རོལ་པའི་རྡོ་རྗེས་མཛད་པ། མན་ངག་གི་སྒོ་ནས་བསྟོད་པ་ཙནྡྲ་གོ་མཱིས་མཛད་པ། ཐུགས་རྗེ་འདོད་འཇོའི་བ་མོ་དྷ་བྱང་སེམས་ཀྱིས་མཛད་པ་རྣམས་སླར་བཙལ། རིན་འབྱུང་ལས་བྱུང་བའི་སྒྲུབ་ཐབས་རྗེས་གནང་རྗེ་མཁྱེན་བརྩེས་བཀླགས་ཆོག་ཏུ་བཀོད་པ་བཅས།
༈ སྒྲུབ་ཐབས་བརྒྱ་རྩའི་ཛམ་ནག་རྗེས་གནང་གོང་དུ་སོང་ལྟར་ལ། ལུང་ལ། ཨུཙུཥྨ་ཛམྦྷ་ལའི་སྒྲུབ་ཐབས་དགའ་བ་སྦྱིན་གྱིས་མཛད་པ་བ་རིའི་འགྱུར། དེའི་མན་ངག་བླ་མ་ས་སྐྱ་