[A:༢༡བ]ནམས་མཆོག་གྲུབ་ཡན་གོང་བཞིན་ལ། དེ་ནས་དབོན་མཁྱེན་རབ་རྣམ་རྒྱལ། ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། བླ་མ་མང་ཐོས་རྒྱ་མཚོ། གོང་དཀར་བ་བློ་གྲོས་དབང་ཕྱུག །གྲུབ་དབང་རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་བཀྲས་མན་འདྲའོ། །
༈ །མངའ་རིས་པཎ་ཆེན་གྱི་ཟབ་གཏེར་ལས། དཔལ་བསམ་ཡས་རྟ་མགྲིན་གླིང་གི་དབང་ཆེན་གྱི་ཐུགས་ཀ་ནས་བྱོན་པའི་རྟ་མགྲིན་རྗེ་ཁོལ་གནོད་སྦྱིན་རྩིའུ་དམར་པོའི་སྲོག་གཏད་ཞུས་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། དཔལ་རྟ་མགྲིན། ཨོ་རྒྱན་ཆེན་པོ། རྒྱལ་བ་མཆོག་དབྱངས། གཏེར་སྟོན་པཎ་ཆེན་པདྨ་དབང་རྒྱལ། འབྲི་གུང་གནམ་ལྕགས་མེ་འབར། རྒྱལ་སྲས་བསྟན་པའི་འབྱུང་གནས། ཀརྨ་རྒྱལ་སྲས་ཀུན་བཟང་། གྲུབ་མཆོག་རིན་ཆེན་དར་རྒྱས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། ཟ་ཧོར་ཟིལ་གནོན་རྡོ་རྗེ་བཞད་པ་རྩལ། རིག་འཛིན་པདྨ་ཕྲིན་ལས། རིག་འཛིན་པདྨ་དབང་རྒྱལ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད། གྲུབ་དབང་པདྨ་བཤེས་གཉེན། ཀུན་དགའ་རབ་རྒྱས། འཇམ་མགོན་དབང་སྡུད་སྙིང་པོ། བླ་མ་ཆོས་ཀྱི་རྒྱལ་མཚན། ས་ཆེན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་བཀྲ་