[A:༢༢༤ན]གྱི་ཡིག་ཆའི་སྟེང་ནས་ལྷ་བརྒྱད་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ཡན་ལྷ་གསུམ་དང་འདྲ། དེ་ནས་འཁོན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། ས་ལོ་ཀུན་དགའ་བསོད་ནམས། དེ་དབོན་ཀུན་དགའ་རིན་ཆེན། དེ་སྲས་གྲགས་པ་བློ་གྲོས། དེ་སྲས་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །སྔགས་འཆང་ཀུན་དགའ་བཀྲ་ཤིས། དེ་སྲས་བསོད་ནམས་རིན་ཆེན། དེ་སྲས་ཀུན་དགའ་བློ་གྲོས། དེ་སྲས་དཔལ་ལྡན་ཆོས་སྐྱོང་། དེ་སྲས་ཀུན་དགའ་རིན་ཆེན། དེ་སྲས་འཁོན་སྟོན་རྡོ་རྗེ་རིན་ཆེན། དེ་ལས་རྗེ་མཁྱེན་བརྩེ་སྟེ་མན་ཆད་འདྲའོ། །
ཡང་ན། དཔལ་ལྡན་ཆོས་སྐྱོང་ནས། དེ་སྲས་ཀུན་དགའ་བཀྲ་ཤིས། དེ་སྲས་འཇམ་མགོན་བཀྲ་ཤིས་རིན་ཆེན། དེ་ལས་མཁྱེན་བརྩེ་ནས་འདྲ། ཚར་པ་ནས་བརྒྱུད་པ་ཐུན་མོང་ཐུན་མིན་རྗེས་གནང་རྣམས་འཇམ་མགོན་ངག་དབང་ལེགས་གྲུབ་ལས་གསན་པ་གཞན་ལས་ཤེས་སོ།
༈ ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡི་གེའི་སྟེང་ནས་ངོར་ཨེ་ཝྃ་པའི་ལུགས་